thbg-monksalms.jpeg
thbg-karmapa1.jpeg
thbg-monkscrowd.jpeg
thbg-rumtek-monksbirds.jpeg
thbg-monkssmile.jpeg
thbg-flags.jpeg
thbg-rumtek-monksread.jpeg
thbg-scripts.jpeg
Shadow
Three Days of Ritual Begin: Five-Deity Green Tara of the Acacia Forest

Three Days of Ritual Begin: Five-Deity Green Tara of the Acacia Forest

13 -15  January 2025

༄༅། །༧རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་བཀའ་དགོངས་
བཞིན་ཝཱ་རཱ་ཎ་སཱིའི་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགུན་
ཆོས་ཆེན་མོ་ཐེངས་ཉེར་ལྔ་པའི་ཉིན་བཅུ་བཞི་པ། རྒྱ་བལ་འབྲུག་གསུམ་གྱི་བཤད་གྲྭ་ཁག་གི་ལས་ཐོག་མཁན་པོ་དང་སྤྲུལ་སྐུ་དང་སློབ་དཔོན་རྣམས་དང་དམ་ཆོས་རྩོད་
འགྲན་འདི་ཡི་ཐོག་གི་བཤད་གྲྭ་བ་རྣམས་ཀྱིས། དཔལ་ལྡན་ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལྷ་ལྔའི་སྒྲུབ་མཆོད་
ཉིན་དང་པོའི་བརྙན།
སྒྲུབ་མཆོད་ཚོགས་ཐུན་གསུམ་པ་ལ་ཉེ་ཆར་གཙང་ལ་སྟོད་དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་གཙོ་བོར་གྱུར་པའི་ས་ཁུལ་ཁག་ཏུ་རང་བྱུང་ས་གཡོས་ཀྱི་འཇིགས་་པ་དང་། ཨ་རིའི་ཀེ་ལི་ཧྥོར་ནི་ཡའི་ནང་གི་མེ་སྐྱོན་གྱི་གནོད་འཚེའབྱུང་བཞིན་པ་རྣམས་མྱུར་དུ་ཞི་བའི་སྨོན་ལམ་གསུང་འདོན་
ཞུས།

The Gyalwang Karmapa, Ogyen Trinley Dorje, instructed that this ritual be offered at the 25th Kagyu Gunchoe.  All those attending the Gunchoe, tulkus, khenpos, teachers and students are involved.

This ritual, the Five-Deity Green Tara of the Acacia Forest, originated with the First Karmapa, Dusum Khyenpa, and has been revived by the 17th Karmapa, who has worked extensively on the ritual. It is known as “five-deity” because five deities are represented here: Hayagriva, Chakrasamvara, Vajravarahi, Hevajra, and Tara, but one is taken as the principal deity. In this case, it is the ninth manifestation of Tara, Green Tara of the Acacia Forest.  In total, there are five of these Five-Deity rituals; each one takes one of the five deities as the principal deity. 

2025.01.13-15 Three Days of Ritual Begin: Five-Deity Green Tara of the Acacia Forest
The Mayor of Varanasi is Guest of Honour at the 25th Kagyu Gunchoe

The Mayor of Varanasi is Guest of Honour at the 25th Kagyu Gunchoe

10 January 2025

༄༅། །ཝཱ་རཱ་ཎ་སཱི་གྲོང་ཁྱེར་གྱི་གྲོང་སྡེའི་སྤྱི་ཁྱབ་ཆེན་མོ་སྐུ་ཞབས་Ashok Tiwari ཨ་ཤོཀ་ཏི་ཝ་རི་མཆོག་དེ་རིང་སྔ་དྲོ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཐེངས་
ཉེར་ལྔ་པ་འཚོག་བཞིན་པར་དངོས་སུ་གཟིགས་སྐོར་དུ་ཕེབས་པར་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སློབ་སྤྱི་མཁན་པོ་ཀརྨ་དགེ་འདུན་མཆོག་གིས་དབུས་པའི་ལས་སྣེ་རྣམས་ནས་ཕེབས་བསུ་དང་བཅས་གཙུག་ལག་ཁང་དུ་གདན་དྲངས། སྣང་གསལ་ཞལ་ཕྱེ་དང་བདག་ཅག་གི་སྟོན་པའི་སྐུ་བརྙན་དང་བཞུགས་ཁྲིར་མཇལ་དར་ཕུལ། དགུན་ཆོས་ནས་རྟེན་འབྲེལ་གསོལ་ཇ་དང་ཞལ་ཏོག་འདེགས་འབུལ། དགུན་ཆོས་ཆེན་མོའི་བཤད་གྲྭའི་མཁན་པོ་དང་སློབ་དཔོན་འདུས་དམངས་ཡོངས་ལ་འཚམས་འདྲིའི་གསུང་བཤད། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སློབ་སྤྱི་མཆོག་གིས་ཁོང་ལ་བདག་ཅག་གི་སྟོན་པའི་སྐུ་བརྙན་ཞིག་
དད་རྟེན་དུ་ཕུལ། སྐུ་འཁོར་རྣམས་ལའང་གནང་བྱིན་སྩལ།

Sri Ashok Tiwari, who was elected Mayor of Varanasi in 2023, attended the 25th Kagyu Gunchoe with his entourage on the morning of 10 January. A long-time admirer of Khenchen Thrangu Rinpoche, he has maintained close connections with the Vajra Vidhya Institute. He was welcomed by the head of Vajra Vidhya Institute, Khenpo Karma Gendun, and met with the leaders of the shedras over tea and snacks.  

Khenpo Karma Gendun presented him with a golden Buddha statue, incense and other gifts.

2025.01.10 The Mayor of Varanasi is Guest of Honour at the 25th Kagyu Gunchoe
Kagyu Gunchoe Debate Competition Days 10 and 11

Kagyu Gunchoe Debate Competition Days 10 and 11


10/11 January 2025

༄༅། །དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགུན་ཆོས་ཆེན་མོ་ཐེངས་ཉེར་ལྔ་པའི་ཉིན་བཅུ་པ། བཤད་གྲྭ་ཁག་གི་ལས་ཐོག་མཁན་པོ་དང་སློབ་དཔོན་རྣམས་ཀྱིས་དཔང་པོའི་དབུ་བཞུགས་མཛད་དེ། སྔ་དྲོ་ཕྱག་ཚོད་ ༩།༡༥ ནས་ ༡༠།༡༥ བར་ཚད་མ་ཆ་པ་དང་ཇ་པའི་དབར་རྟགས་གསལ་དང་། ༡༠།༣༠ ནས་ ༡༡།༣༠ བར་བསྡུས་པ་ང་པ་དང་ཀ་པ། ཕྱི་དྲོ་ ༢། ནས། ༣། བར་ཕར་ཕྱིན་ཆ་པ་དང་ཇ་པའི་དབར་རྟགས་གསལ་འགྲན་རྩོད་ཀྱི་བརྙན་ཕྱོགས་བསྡུས་སོ། །

On January 10th, there were three sessions. In the first session two groups from Validity competed. In the second session, groups from Collected Topics competed. After lunch, in the third session, two groups from Prajnaparamita competed.

༄༅། །དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགུན་ཆོས་ཆེན་མོ་ཐེངས་ཉེར་ལྔ་པའི་ཉིན་བཅུ་གཅིག་པ། བཤད་གྲྭའི་མཁན་པོ་རྣམས་ཀྱིས་དཔང་པོའི་དབུ་བཞུགས་མཛད་དེ། སྔ་དྲོ་ཕྱག་ཚོད་ ༡༠།ནས་ ༡༡། བར་བསྡུས་པ་ག་པ་དང་ང་པའི་དབར་རྟགས་གསལ་འགྲན་རྩོད་ཀྱི་བརྙན་ཕྱོགས་བསྡུས་ཡིན།

On January 11th, because it was a Saturday and therefore a half-day holiday, there was only one session, from 10.00am to 11.00am. Teams competed on Collected Topics, the initial topic for study in the shedra curriculum. 

 

2025.01.10-11 Kagyu Gunchoe Debate Competition Days 10 and 11
Special Marme Monlam for the Victims of the Dingri Earthquake

Special Marme Monlam for the Victims of the Dingri Earthquake

Vajra Vidhya Institute, Varanasi
09 January 2025

༄༅། །དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས་དཔལ་༧རྒྱལ་བའི་དབང་པོ་སངས་རྒྱས་༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་བཀའ་སློབ་ལམ་སྟོན་འོག །ཝཱ་རཱ་ཎ་སཱི་་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཐེངས་ཉེར་ལྔ་པ་འཚོག་བཞིན་པའི་རྒྱ་བལ་འབྲུག་གསུམ་གྱི་བཤད་གྲྭ་ཁག་
དགུའི་མཁན་པོ་དང་། སྤྲུལ་སྐུ་དང་། སློབ་དཔོན་རྣམ་པ་དབུ་བཞུགས་མཛད་དེ། བཤད་གྲྭ་བ་བརྒྱ་ཕྲག་དུ་མ་ནས་གཙང་ལ་སྟོད་དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་གཙོ་བོར་གྱུར་པའི་ས་ཁུལ་ཁག་ཏུ། སྤྱི་ཟླ་ 1 ཚེས་7 ཉིན་བོད་ནང་གི་ཞོགས་པ་ཆུ་ཚོད་ 9 དང་སྐར་མ་ 5 ཙམ་ལ་རང་བྱུང་ས་གཡོས་འཇིགས་པའི་གོད་ཆག་ཚབས་ཆེན་བྱུང་བར་མཆོད་འབུལ་སྨོན་ལམ་འཚོགས་པའི་བརྙན་ཡིན།

The 17th Gyalwang Karmapa instructed the khenpos, teachers and students who are attending the 25th Kagyu Gunchoe at the Vajra Vidhya Institute to hold special prayers for those who had died, been injured or been affected by the earthquake which struck the Dingri region of Tibet at 9.05 am on 7th January 2025, causing great destruction.

At 8.00pm, they gathered together in the shrine hall at Vajra Vidhya Institute to watch a special video message concerning the disaster from the Gyalwang Karmapa, offer prayers, and recite Lord Atisha’s Lamp Prayer (Marme Monlam). 

2025.01.09 Special Marme Monlam for the Victims of the Dingri Earthquake
Debates on Validity, Mind and Awareness, and Prajnaparamita: Day Nine

Debates on Validity, Mind and Awareness, and Prajnaparamita: Day Nine

09 January 2025

༄༅། །དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགུན་ཆོས་ཆེན་མོ་ཐེངས་ཉེར་ལྔ་པའི་ཉིན་དགུ་པ། བཤད་གྲྭ་ཁག་གི་ལས་ཐོག་མཁན་པོ་དང་སློབ་དཔོན་རྣམས་ཀྱིས་དཔང་པོའི་དབུ་བཞུགས་མཛད་དེ། སྔ་དྲོ་ཕྱག་ཚོད་ ༩།༡༥ ནས་ ༡༠།༡༥ བར་ཚད་མ་ཅ་པ་དང་ཆ་པའི་དབར་རྟགས་གསལ་དང་། ༡༠།༣༠ ནས་ ༡༡།༣༠ བར་བློ་རིག་ག་པ་དང་ང་པ། ཕྱི་དྲོ་ ༢། ནས། ༣། བར་ཕར་ཕྱིན་ཅ་པ་དང་ཆ་པའི་དབར་རྟགས་གསལ་འགྲན་རྩོད་ཀྱི་བརྙན་ཕྱོགས་བསྡུས་སོ། །

The debate competition took place over three sessions: two in the morning and one after the lunch break. The morning debates were on Validity (Tsema) and Mind and Awareness (Lorig). The afternoon debates were on Prajnaparamita (Pharchin).

2025.01.09 Debates on Validity, Mind and Awareness, and Prajnaparamita: Day Nine