20 January 2025
དེ་རིང་རྒྱ་གར་གྱི་ ཨུཏྟར་པྲ་དེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་བཀུར་འོས་སྐུ་ཞབས་ཀེ་ཤབ་ པྲ་སཱད་ མོར་ཡ་ མཆོག ཡུལ་ཝཱ་རཱ་ཎ་སཱི། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཐེངས་ཉེར་ལྔ་པ་འཚོག་བཞིན་པར་དངོས་སུ་གཟིགས་སྐོར་དུ་བྱོན། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སློབ་སྤྱི་མཁན་པོ་ཀརྨ་དགེ་འདུན་མཆོག་གིས་དབུས་པའི་ལས་སྣེ་
རྣམས་ནས་བྱོན་བསུ་དང་བཅས་གཙུག་ལག་ཁང་དུ་གདན་དྲངས།
བདག་ཅག་གི་སྟོན་པའི་སྐུ་བརྙན་དྲུང་དུ་སྣང་གསལ་ཞལ་ཕྱེ་དང་བདག་ཅག་གི་སྟོན་པའི་སྐུ་བརྙན་དང་རིམ་བཞིན་
བཞུགས་ཁྲི་ཁག་ལ་མཇལ་དར་ཕུལ། དེ་རྗེས་བློན་ཆེན་སྐུ་གཞོན་ནས་དགུན་ཆོས་ཆེན་མོའི་བཤད་གྲྭའི་མཁན་པོ་དང་སློབ་དཔོན་འདུས་དམངས་ཡོངས་
ལ་འཚམས་འདྲིའི་གསུང་བཤད། སློབ་སྤྱི་མཁན་པོ་ནས་བློན་ཆེན་སྐུ་གཞོན་ལ་བདག་ཅག་གི་སྟོན་པའི་སྐུ་བརྙན་ཞིག་དད་རྟེན་དུ་ཕུལ།
དེ་ནས་བློན་ཆེན་སྐུ་གཞོན་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མདུན་ཐང་གླིང་ཁའི་ནང་དུ་གདན་དྲངས། ཨ་ཤོ་ཀའི་རྡོ་རིང་གསར་དུ་བཙུགས་པ་དབུ་འབྱེད་བསྐྱངས། གསོལ་ཇ་དང་བཞེས་ཏོག་བསྟར། དེ་རྗེས་ཕྱིར་ཕེབས་མཛད།།
Today the schedule of debates was changed slightly to accommodate a visit by Sri Keshav Prasad Maurya, Deputy Chief Minister of Uttar Pradesh, and his entourage. He was received by Khenpo Karma Gendun the Principal of Vajra Vidhya Institute, who presented him with a welcoming white khata and escorted him throughout the visit.
The Deputy Chief Minister met the assembled khenpos, teachers and students in the main shrine room at Vajra Vidhya. He offered khatas to the photos of His Holiness the Dala Lama, the Gyalwang Karmapa and Khenchen Thrangu Rinpoche, before giving a short address. As a token of appreciation for the visit, Khenpo Karma Gendun presented him with a red silk shawl and a golden Buddha image. Members of the entourage also received khatas and small gifts.
Then, outside, in the grounds of Vajra Vidhya Institute, Sri Keshav Prasad Maurya inaugurated an impressive new feature —a replica Ashoka column.
After enjoying tea and snacks, the Deputy Minister departed.