thbg-monksalms.jpeg
thbg-karmapa1.jpeg
thbg-monkscrowd.jpeg
thbg-rumtek-monksbirds.jpeg
thbg-monkssmile.jpeg
thbg-flags.jpeg
thbg-rumtek-monksread.jpeg
thbg-scripts.jpeg
Shadow
The 25th Kagyu Gunchoe Begins

The 25th Kagyu Gunchoe Begins

The 25th Kagyu Gunchoe Begins
Vajra Vidhya Institute, Varanasi
31 December 2025

༄༅། །དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས་དཔལ་༧རྒྱལ་བའི་དབང་པོ་༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་སྔ་རྗེས་ཐུགས་རྗེའི་གཟིགས་པ་ཆེན་པོའི་ལམ་སྟོན་བཀའ་སློབ་ལས། འདི་ལོ་བདག་ཅག་གི་སྟོན་པས་སྔོན་ཡུལ་ཝཱ་ར་ཎཱ་སཱི་་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལ་
བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་ཀྱི་ཉེ་འདབས་ན། དུས་ཕྱིས་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་མཁན་ཆེན་རྡོ་རྗེ་འཆང་ཁྲ་འགུ་རིན་པོ་ཆེ་མཆོག་གིས་ཕྱག་
བཏབ་པ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་ནས་བཀའ་བརྒྱུད་དགུན་ཆོས་ཐེངས་ཉེར་ལྔ་པའི་གོ་སྒྲིག་མཛད་དེ། ཀརྨ་ཤྲཱི་ནཱ་ལེནྜ་བཤད་གྲྭ་དང་། ལུང་རིག་འཇམ་དཔལ་གླིང་། རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་། ལུང་རྟོགས་ནོར་བུའི་དགའ་ཚལ། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་། ནང་བསྟན་གཙུག་ལག་སློབ་གཉེར་ཁང་འོད་འབར་འཆི་མེད་གླིང་། བསོད་ནམས་དར་བཤད་གྲྭ། ཀརྨ་ལེགས་བཤད་གླིང་། འབྲུག་གི་ལུང་རྟོགས་ཆོས་ཀྱི་དགའ་ཚལ་ཏེ་རྒྱ་བལ་འབྲས་འབྲུག་གི་བཤད་གྲྭ་དགུ་ནས་དངོས་སུ་རྒྱལ་བསྟན་ལུང་རིགས་འཛིན་པ་དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགུན་ཆོས་ཆེན་མོ་ཐེངས་ཉེར་ལྔ་པ་ལ་མཉམ་ཞུགས་མཛད་ཡོད།
དེ་རིང་སྔ་དྲོ་ཕྱག་ཚོད་༥།༤༥ཐོག་ཏུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ལས་སྣེ་རྣམ་པའི་གོ་སྒྲིག་དང་བཅས་གོང་གསལ་བཤད་གྲྭ་ཁག་གི་ལས་ཐོག་གི་མཁན་པོ་རྣམ་པ་དང་།མཚུར་ཕུ་བླ་བྲང་གི་ལས་སྣེ་ཐུན་མོང་ནས་བདག་ ཅག་གི་སྟོན་པའི་རིང་བསྲེལ་བཞུགས་སུ་གསོལ་བ། མུ་ལ་གནྡྷ་ཀུ་ཊཱིའམ། དྲི་གཙང་གི་གཙུག་ལག་ཁང་གི་སྟོན་པའི་སྐུ་བརྙན་ལ་ན་བཟའ་བསྒྲོན་འབུལ་དང་། གསོལ་ལྷུང་འགེངས་འབུལ། སྣང་གསལ་ཞལ་ཕྱེ།ཆོས་འཁོར་གྱི་མདོ་གསུང་འདོན་གྱིས་དགུན་ཆོས་ཐེངས་ཉེར་ལྔ་པ་དངོས་སུ་འཕགས་ཡུལ་ཝཱ་ར་ཎཱ་
སཱིའི་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་དབུ་འཛུགས་ཞུས་པ་དགེའོ། །

The annual Winter Debate Gathering of Kagyu shedras, sponsored by Kun Kyong Charitable Trust, was inaugurated today.
This year’s Gunchoe is being held at Vajra Vidya Institute in Varanasi, India, and is being co-ordinated by Vajra Vidhya Institute. Nine shedras, from India, Nepal and Bhutan, are participating:
Karmae Shri Nalanda Institute
Lungrik Jampal Ling
Rigpe Dorje Institute
Lungtok Norbu Gatsal
Obar Chime Ling Buddhist Institute
Samdrup Dargaye Ling Shedra
Karma Lekshey Ling
Lungtok Chokyi Gatsal of Bhutan
Vajra Vidya Institute

The first ceremony of the day was held at the Mulagandha Kuti Vihar, not far from the great Dhamekh Stupa, near where Lord Buddha first turned the Wheel of Dharma. The khenpos offered a new set of silk robes and bowls of traditional offerings to the golden image of Shakyamuni Buddha and recited the Sutra of Turning the Wheel of Dharma.

Later in the morning, the monks gathered in the grounds of Vajra Vidhya to receive the portrait of the 17th Gyalwang Karmapa which was processed into the main shrine hall and placed on the throne. Prayers were said, and a symbolic mandala offering was made to the Gyalwang Karmapa. Everyone celebrated the occasion with sweet rice and butter tea.

2024.12.31 25th Kagyu Gunchoe Begins