Choose the best hosting by reading users web host reviews. Get the best joomla host online.

The Debat

༅། །བཀའ་བརྒྱུད་དགུན་ཆོས་ཐེངས་བཅུ་བདུན་པའི་དམ་བཅའ་ཆེན་མོའི་སྒྲིག་ཁྲིམས།

སྤྱི་ལོ་ ༢༠༡ཟླ་ ༡༢  ཚེས་ ༠༣ ནས་ ༢༠༡ཟླ་ ༠༡ ཚེས་ ༠༡ བར།

 

མདོ་ལས།    གང་ཞིག་ཟས་དང་གོས་ཀྱི་གཏམ་ཙམ་ནི། །

དེ་ནི་རབ་དང་མཆོག་ཅེས་སེམས་མ་ཡིན། །

མི་ཡི་རྙེད་པ་རབ་མཆོག་རྙེད་ནས་ནི། །

གཅིག་ལ་གཅིག་གིས་ཆོས་ཀྱི་གཏམ་ཡང་བྱ། །

ཞེས་གསུངས་པ་ལྟར། བཅའ་ཡིག་འདི་འདྲ་བཞག་དགོས་དོན་ནི་བཤད་གྲྭ་བ་ཐམས་ཅད་ཀྱིས་ལྷག་བསམ་རྣམ་པར་དཀར་བས་རིགས་ལམ་གྱི་ཕྱི་མོ་བསྡུས་རྟགས་བློ་གསུམ་གྱི་གཞུང་ལ་ཐུགས་འདུན་ཆིག་དྲིལ་གྱིས་བགྲོ་གླེང་ངེས་འདྲོངས་ཡོང་བ། རིས་མེད་ཀྱི་མཁས་པ་གཟུ་བོར་གནས་པ་རྣམས་ཀྱིས་དཔང་པོ་བྱས་ཏེ་རྒྱལ་ཕམ་གྱི་ཤན་འབྱེད་པ། འཛིན་གྲྭ་གོང་མ་རྣམས་ཀྱིས་ཀྱང་འོག་མ་རྣམས་ལ་བློ་སྐྱེད་སྟེར་བ་དང་། རང་གི་བརྗེད་པ་གསོ་བའི་ཕྱིར་འཛིན་གྲྭ་འོག་མའི་དམ་བཅའ་ལ་འགྲོ་བ། དམ་བཅའ་ཆེ་ཆུང་གང་གི་སྐབས་སུའང་ངོ་དགའ་དང་ཟོལ་འཇོག་ཏུ་མ་སོང་བར་རྐང་ལག་རྡེབ་ལུགས། ཐལ་སྐད་གཏོང་ལུགས། འཁོར་གསུམ་བསྐོར་ལུགས་སོགས་སྔོན་གྱི་གྲྭ་ས་ཆེན་པོ་རྣམས་ཀྱི་མིག་ལྟོས་བཞིན་རིགས་ལུང་ཚ་ཤ་རེ་སྤྲོ་སེང་ངེ་བ་ཡོང་བ་དང་། ཡིག་ཆ་ཡང་། སྟོན་པ་དང་བསྟན་པའི་སྲོག་རྩ་གཅིག་ཏུ་གྱུར་པ་བཀའ་རྙིང་ས་དགེ་སོགས་ཀྱི་ཡིག་ཆ་གཞན་ལའང་ལྟ་རྟོག་ཞིབ་མོ་བྱས་ཏེ། མཁས་པ་རྣམས་ཀྱི་དགོངས་ཟབ་འཚོལ་ནས་གོ་བ་ལེན་ནུས་པ་ཞིག་ཅིས་ཀྱང་དགོས་མོད། གནས་སྐབས་ཡིག་ཆའི་འགལ་མཚམས་ལ་ཐུག་ཚེ། བཀའ་བརྒྱུད་གོང་མ་རྣམས་ཀྱིས་མཛད་པ་ལ་རྩལ་འདོན་དང་། དེའི་སྟེང་ནས་ཁས་ལེན་གྱི་འཛིན་མཚམས་བྱེད་པ་ལས། རང་རང་གི་སྣང་བ་གང་ཤར་ལྟ་བུ་མ་སོང་བར་གཅིག་གྱུར་གྱི་རྣམ་གཞག་བྱ་ཐུབ་པའི་ཆེད་དུ་ཡིན།

གང་ཟག་གསུམ།

སྔ་རྒོལ།

ལུང་དང་རིགས་པའི་སྒྲུབ་བྱེད་འགོད་པའི་དམ་བཅའ་བ་སྟེ། དམ་བཅའ་ཆེན་མོའི་སྐབས་བཤད་གྲྭ་རེར་དམ་བཅའ་བ་མང་མཐའ་གཉིས་ཡིན།

ཕྱི་རྒོལ།

དམ་བཅའ་བ་ལ་སུན་འབྱིན་བརྗོད་པའི་རྟགས་བསལ་བ་སྟེ། དམ་བཅའ་ཆེན་མོའི་སྐབས་རྟགས་བསལ་བ་ཉུང་མཐའ་ལྔ་དང་། མང་མཐའ་བཅུ་ཡིན།

དཔང་པོ།

རྒོལ་སྔ་ཕྱི་གཉིས་ཀྱི་རྒྱལ་ཕམ་ཤན་འབྱེད་པའི་གང་ཟག་སྟེ། ཐེངས་འདིར་དམ་བཅའ་ཆེན་མོའི་སྐབས་དཔང་པོ་ལྔ་ཡོད་ཅིང་། དེ་ལས་ཉིན་རེའི་གཟུ་དཔོན་ཆོས་བརྒྱུད་བྱུང་སྔ་ཕྱིའི་གོ་རིམ་བཞིན་བྱ་རྒྱུ་ཡིན།

གསལ་བཤད།

དངོས་གཞིའི་འགྲན་རྩོད་དུ་ཞུགས་པའི་བཤད་གྲྭ་དགུ་པོ་དེའི་འཐུས་མི་དགུ་སྤྱི་ཁྱབ་ཆོས་ཁྲིམས་པའི་སར་སྡེབ་འཛོམས་ཀྱིས་བུམ་པ་ལྟ་བུའི་ནང་དུ་བཅུག་པའི་ཀ་མད་ཀྱི་ཤོག་བྱང་འཐུས་མི་སོ་སོའི་ལག་ཏུ་གང་འཐེབ་ཀྱི་གོ་རིམ་བཞིན་བསྡུས་པ་རྩོད་མཁན་བཤད་གྲྭའི་གོ་རིམ་བཟོ་དགོས། བསྡུས་པའི་འགྲན་རྩོད་གྲུབ་རྗེས་སླར་ཡང་ཀ་མད་གང་འཐེབ་ཀྱི་གོ་རིམ་བཞིན་རྟགས་རིགས་རྩོད་མཁན་བཤད་གྲྭའི་གོ་རིམ་བཟོ་དགོས།   རྟགས་རིགས་འགྲན་རྩོད་གྲུབ་རྗེས་སླར་ཡང་གོང་བཞིན་ཤོག་བྱང་གང་བབས་ལྟར་བློ་རིགས་རྩོད་མཁན་བཤད་གྲྭའི་གོ་རིམ་བཟོ་དགོས།

 

 

གོམ་པ་དང་པོ།

སྤྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༠༣ ནས་ཟླ་ ༡༢ ཚེས་ ༡༧ བར།

དམ་བཅའ་ཆེན་མོ་ཉིན་དང་པོའི་སྐབས་བསྡུས་པ་ཀ་པར་(བསྡུས་པ་ཀ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)བསྡུས་པ་ཁ་པས་(བསྡུས་པ་ཁ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)རྩོད། དེ་རྗེས་བསྡུས་པ་ཁ་པར་བསྡུས་པ་ག་པས་རྩོད།དུས་ཡུན་སྐར་མ་བཞི་བཅུ་རེ་རྩོད་དགོས། སྐར་མའི་འགོ་དྷཱི་སྐད་དོན་པ་ནས་བཟུང་དགོས།དམ་བཅའ་ཆེན་མོ་ཉིན་གཉིས་པའི་ཉིན་བསྡུས་པ་ག་པར་བསྡུས་པ་ང་པས་དང་།ང་པར་ཅ་པས་དུས་ཡུན་གོང་བཞིན་རྩོད་པ་སོགས་འདྲ། ཉིན་བཞི་པའི་ཉིན་ཇ་པ་ལ་ཉ་པས་དང་། ཏ་པ་ལ་ཀ་པས་རྩོད་དེ་བསྡུས་པ་གོམ་པ་དང་པོ་རྫོགས། དམ་བཅའ་ཆེན་མོ་ཉིན་ལྔ་པའི་སྐབས་རྟགས་རིགས་ཀ་པར་(རྟགས་རིགས་ཀ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)རྟགས་རིགས་ཁ་པས་(རྟགས་རིགས་ཁ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)རྩོད། དེ་རྗེས་རྟགས་རིགས་ཁ་པར་རྟགས་རིགས་ག་པས་རྩོད། དུས་ཡུན་རྩོད་ཚུལ་སོགས་གོང་གསལ་བསྡུས་པ་གོམ་པ་དང་པོ་ལྟར་རོ།།དམ་བཅའ་ཆེན་མོ་ཉིན་དགུ་པའི་སྐབས་བློ་རིགས་ཀ་པར་(བློ་རིགས་ཀ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)བློ་རིགས་ཁ་པས་(བློ་རིགས་ཁ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)རྩོད།དེ་རྗེས་བློ་རིགས་ཁ་པར་བློ་རིགས་ག་པས་རྩོད།དུས་ཡུན་རྩོད་ཚུལ་སོགས་གོང་གསལ་ལྟར་རོ།། དེ་ལྟར་བསྡུས་རྟགས་བློ་གསུམ་ལ་ཁྱོན་བསྡོམས་ཉིན་བཅུ་གསུམ་རིང་བཤད་གྲྭ་གཉིས་རེས་ཕན་ཚུན་གོམ་པ་དང་པོའི་བསྡུས་རྟགས་བློ་གསུམ་གྱི་རིགས་ལུང་གཏོང་དགོས།

གསལ་བཤད།

གོམ་པ་དང་པོའི་རྩོད་པ་རྒྱལ་བའི་བཤད་གྲྭ་བཞིའི་འཐུས་མི་སྡེབ་འཛོམས་ཀྱིས་བུམ་པ་ལྟ་བུའི་ནང་དུ་བཅུག་པའི་ཀ་མད་ཀྱི་ཤོག་བྱང་འཐུས་མི་སོ་སོས་བླངས་ནས།དེའི་གོ་རིམ་བཞིན་གོམ་པ་གཉིས་པའི་བསྡུས་པ་དང་།བསྡུས་པའི་འགྲན་རྩོད་གྲུབ་རྗེས་རྟགས་རིགས།རྟགས་རིགས་འགྲན་རྩོད་གྲུབ་རྗེས་བློ་རིགས་རྩོད་མཁན་བཤད་གྲྭའི་གོ་རིམ་སོ་སོར་བཟོ་དགོས།

གོམ་པ་གཉིས་པ།

སྤྱི་ལོ་ ༢༠༡ཟླ་ ༡༢ ཚེས་ ༢༠ ནས་ ༢༠༡༤ ཟླ་ ༠༡  ཚེས་ ༢༥ བར།

དམ་བཅའ་ཆེན་མོ་ཉིན་བཅུ་བཞིའི་སྐབས་བསྡུས་པ་ཀ་པར་(བསྡུས་པ་ཀ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)བསྡུས་པ་ཁ་པས་(བསྡུས་པ་ཁ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)རྩོད། དེ་རྗེས་བསྡུས་པ་ཁ་པར་བསྡུས་པ་ག་པས་རྩོད། དུས་ཡུན་སྐར་མ་བཞི་བཅུ་རེ་རྩོད་དགོས། སྐར་མའི་འགོ་དྷཱི་སྐད་གདོན་པ་ནས་གཟུང་རྒྱུ།དམ་བཅའ་ཆེན་མོ་ཉིན་གཉིས་པའི་ཉིན་བསྡུས་པ་ག་པར་བསྡུས་པ་ང་པས་དང་། ང་པར་ཅ་པས་རྩོད་པ་སོགས་གོང་བཞིན་ནོ། །དམ་བཅའ་ཆེན་མོ་ཉིན་བཅོ་ལྔ་པའི་སྐབས་རྟགས་རིགས་ཀ་པར་(རྟགས་རིགས་ཀ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ)རྟགས་རིགས་ཁ་པས་(རྟགས་རིགས་ཁ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ་)རྩོད། དེ་རྗེས་རྟགས་རིགས་ཁ་པར་རྟགས་རིགས་ག་པས་རྩོད་པ་སོགས་གོང་བཞིན་ཡིན། དམ་བཅའ་ཆེན་མོ་ཉིན་བཅུ་བདུན་པའི་སྐབས་བློ་རིགས་ཀ་པར་(བློ་རིགས་ཀ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ་)བློ་རིགས་ཁ་པས་(བློ་རིགས་ཁ་པའི་ཤོག་བྱང་ཐོབ་པའི་བཤད་གྲྭ་)རྩོད། དེ་རྗེས་བློ་རིགས་ཁ་པར་བློ་རིགས་ག་པས་རྩོད་པ་སོགས་གོང་བཞིན་ནོ།། དེ་ལྟར་བསྡུས་རྟགས་བློ་གསུམ་རེ་རེར་ཉིན་གཉིས་རེ།ཁྱོན་བསྡོམས་ཉིན་ལྔ་རིང་བཤད་གྲྭ་གཉིས་རེས་ཕན་ཚུན་གོམ་པ་གཉིས་པའི་བསྡུས་རྟགས་བློ་གསུམ་གྱི་རིགས་ལུང་གཏོང་དགོས།

གསལ་བཤད

གོམ་པ་གཉིས་པའི་བསྡུས་རྟགས་བློ་གསུམ་རྩོད་མཁན་ནང་ནས་དཔང་པོ་རྣམས་ཀྱིས་རྒྱལ་ཕམ་སུ་ཡིན་ངོས་བཟུང་སྟེ།རྒྱལ་བ་རྣམས་མུ་མཐུད་གོམ་པ་གསུམ་པར་ཞུགས་ཆོག།ཕམ་པ་རྣམས་ཞུགས་དབང་མེད།རྩོད་པ་རྒྱལ་བའི་བཤད་གྲྭ་གཉིས་ཀྱི་འཐུས་མི་སྡེབ་འཛོམས་ཀྱིས་ཀ་མད་ཀྱི་ཤོག་བྱང་ཚར་གསུམ་བླངས་ཏེ་དེའི་གོ་རིམ་བཞིན་རྩོད་མཁན་རྣམས་གྲ་སྒྲིག་བྱེད་དགོས།

མཚན་ཕུད་དམ་བཅའ།

སྤྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༨ ཉིན།

ཉིན་མཐའ་མའི་དམ་བཅའ་ཆེན་མོར་མཛད་སྒོ་གཟབ་རྒྱས་ཚོགས་ནས་གོམ་པ་གསུམ་པའི་བསྡུས་པ་ཀ་པར་ཁ་པས་རྩོད། ཁ་པར་ཀ་པས་རྩོད། རྟགས་རིགས་ཀ་པར་ཁ་པས་རྩོད། ཁ་པར་ཀ་པས་རྩོད། བློ་རིགས་ཀ་པར་ཁ་པས་རྩོད། ཁ་པར་ཀ་པས་རྩོད་ནས་དཔང་པོ་རྣམས་ནས་རྒྱལ་ཕམ་གང་བྱུང་ཐག་བཅད་དེ་རྒྱལ་བ་དེ་དག་ལ་འོག་ནས་འབྱུང་བ་བཞིན་གྱི་གཟེངས་བསྟོད་སྩལ་རྒྱུ།

 

ཐོབ་ཆ།

བཤད་གྲྭ་རེར་དམ་བཅའ་དང་རྟགས་བསལ་གཉིས་རེའི་གོ་སྐབས་ཚང་རྗེས་རྒྱལ་ཕམ་ཐག་ཆོད་ཅིང་། དཔང་པོ་མི་ལྔ་ཡོད་པ་ལས། དཔང་པོ་རེས་དམ་བཅའ་ལ་བརྒྱ་ཆ་ ༡༠ དང་། རྟགས་བསལ་ལ་བརྒྱ་ཆ་ ༡༠ རེ་(འདི་མང་མཐའ་ཡིན།)སྤྲོད་ཆོག།འདི་ལྟར་བྱས་ན་བཤད་གྲྭ་གཅིག་གི་དམ་བཅའ་ལ་བརྒྱ་ཆ་ ༥༠ དང་། རྟགས་བསལ་ལ་བརྒྱ་ཆ་ ༥༠ སྟེ། བསྡོམས་གྲངས་བརྒྱ་ཆ་བརྒྱ་ཐམ་པས་རྒྱལ་ཕམ་ཐག་ཆོད་བྱེད། བརྒྱ་ཆ་གཅོག་ལུགས་ནི། དཔང་པོ་རེས་ཡིག་ཆ་ཤོར་ཚབས་ཆེ་ན་བཅུ་ཆ་ལྔ་རེ་(འདི་མང་མཐའ་ཡིན)། འབྲེལ་མེད་ཀྱི་རིགས་ལུང་གཏོང་ཐལ་ཆེ་ན་བཅུ་ཆ་གསུམ་རེ་(འདི་མང་མཐའ་ཡིན)། རྣམ་འགྱུར་ལ་སྐྱོན་ཆེ་ན་བཅུ་ཆ་གཉིས་རེ་(འདི་མང་མཐའ་ཡིན་)བཅག །དམ་བཅའ་དང་རྟགས་བསལ་བ་ལས་གཞན་དགོན་པ་སོ་སོའི་མཁན་སློབ་ལྟ་བུ་བར་དུ་འཚང་ནས་གཏོང་མི་ཆོག །ཐོབ་ཆ་སྤྲོད་སྐབས་ཁྱོན་བསྡོམས་ཀྱི་བརྒྱ་ཆ་སྤྲོད་པ་ལས་དཔང་པོ་རེ་རེའི་བརྒྱ་ཆ་གང་སྤྲད་མངོན་གསལ་མེད་ཀྱང་ཆོག །ཉིན་རེའི་གསལ་བསྒྲགས་གཟུ་དཔོན་སོ་སོ་ནས་བྱེད་དགོས།

 

                                  རྩོད་གཞུང་།          

གོམ་པ་དང་པོའི་རྩོད་གཞུང་།

སྡེ་ཚན།

བསྡུས་པ།

རྟགས་རིགས།

བློ་རིགས།

ཐུན་མོང་གི་མཚན་མཚོན།

ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས

རྟོག་པ་ལོག་ཤེས།

ཐུན་མིན་གྱི་མཚན་མཚོན།

ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས།

རྟོག་མེད་ལོག་ཤེས།

ཉེར་ལེན་རྒྱུ།

ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས།

ཐེ་ཚོམ།

ལྷན་ཅིག་བྱེད་རྐྱེན།

ཐུན་མིན་གྱི་མ་ངེས་པའི་གཏན་ཚིགས

ཚད་མིན་གྱི་བློའི་གྲངས་ངེས།

དུས་གསུམ་གྱི་རྣམ་གཞག །

དངོས་ཀྱི་མ་ངེས་པའི་གཏན་ཚིགས།

བརྗོད་བྱ་རྗོད་བྱེད

ཡོད་རྟོགས་མེད་རྟོགས་སྡེ་ཚན་དང་པོ།

ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས།

སྣང་འཇུག་དང་སེལ་འཇུག

ཡོད་རྟོགས་མེད་རྟོགས་སྡེ་ཚན་གཉིས་པ།

ཕྱོགས་ཆོས་དོན་ལ་མ་གྲུབ་པ།

དགག་པ།

ཡིན་ལོག་མིན་ལོག །

བློ་ངོར་བལྟོས་ཏེ་མ་གྲུབ་པ།

སྒྲུབ་པ།

རྗེས་སུ་འགྲོ་ལྡོག་གི་རྣམ་གཞག །

རྒོལ་བ་ལ་བལྟོས་ཏེ་མ་གྲུབ་པ།

 

 

གོམ་པ་གཉིས་པའི་རྩོད་གཞུང་།

སྡེ་ཚན།

བསྡུས་པ།

རྟགས་རིགས།

བློ་རིགས།

ཐུན་མོང་གི་མཚན་མཚོན།

ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས

རྟོག་པ་ལོག་ཤེས།

ཐུན་མིན་གྱི་མཚན་མཚོན།

ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས།

རྟོག་མེད་ལོག་ཤེས།

ཡིན་ལོག་མིན་ལོག །

ཐུན་མིན་གྱི་མ་ངེས་པའི་གཏན་ཚིགས

ཐེ་ཚོམ།

རྗེས་སུ་འགྲོ་ལྡོག་གི་རྣམ་གཞག །

དངོས་ཀྱི་མ་ངེས་པའི་གཏན་ཚིགས།

ཚད་མིན་གྱི་བློའི་གྲངས་ངེས།

 

གོམ་པ་གསུམ་པའི་རྩོད་གཞུང་།

སྡེ་ཚན།

བསྡུས་པ།

རྟགས་རིགས།

བློ་རིགས།

ཐུན་མིན་གྱི་མཚན་མཚོན།

ཐུན་མིན་གྱི་མ་ངེས་པའི་གཏན་ཚིགས།

སྣང་འཇུག་དང་སེལ་འཇུག

དུས་གསུམ་གྱི་རྣམ་གཞག །

ཐུན་མོང་གི་མ་ངེས་པའི་གཏན་ཚིགས།

དགག་སྒྲུབ་གཉིས།

 

གཟེངས་རྟགས།

ཁྱོན་བསྡོམས་ཨང་དང་པོ།

ཨང་།

སྡེ་ཚན།

གཟེངས་རྟགས།

ཁྱོན་བསྡོམས་ཨང་ཀི་དང་པོ།

ཤེས་རབ་པུསྟི་ཆེ་བའི་གཟེངས་རྟགས། ཧིན་སྒོར་འབུམ་གཅིག །

 

 

སྤྱི་པའི་གཟེངས་རྟགས་ཨང་དང་པོ།

ཨང་།

སྡེ་ཚན།

གཟེངས་རྟགས།

བསྡུས་པ་ཨང་དང་པོ།

ཤེས་རབ་པུསྟི་ཆུང་བའི་གཟེངས་རྟགས། ཧིན་སྒོར་ཁྲི་ལྔ།

རྟགས་རིགས་ཨང་དང་པོ།

ཤེས་རབ་པུསྟི་ཆུང་བའི་གཟེངས་རྟགས། ཧིན་སྒོར་ཁྲི་ལྔ།

བློ་རིགས་ཨང་དང་པོ།

ཤེས་རབ་པུསྟི་ཆུང་བའི་གཟེངས་རྟགས། ཧིན་སྒོར་ཁྲི་ལྔ།

 

སྤྱི་པའི་གཟེངས་རྟགས་ཨང་གཉིས་པ།

ཨང་།

སྡེ་ཚན།

གཟེངས་རྟགས།

བསྡུས་པ་ཨང་གཉིས་པ།

ཤེས་རབ་རལ་གྲིའི་གཟེངས་རྟགས། ཧིན་སྒོར་ཉིས་ཁྲི་ལྔ་སྟོང་

རྟགས་རིགས་ཨང་གཉིས་པ།

ཤེས་རབ་རལ་གྲིའི་གཟེངས་རྟགས།ཧིན་སྒོར་ཉིས་ཁྲི་ལྔ་སྟོང་།

བློ་རིགས་ཨང་གཉིས་པ།

ཤེས་རབ་རལ་གྲིའི་གཟེངས་རྟགས།ཧིན་སྒོར་ཉིས་ཁྲི་ལྔ་སྟོང་།

 

སྒེར་གྱི་གཟེངས་རྟགས།

ཨང་།

སྡེ་ཚན།

གཟེངས་རྟགས།

བརྩོན་འགྲུས་རྩེ་ཕུད།

གཟེངས་བསྟོད་ཕྱག་འཁྱེར། ཀུ་ཤུ་རྟགས་ཅན་ iPad Airགྱི་ལག་འཁྱེར་འཕྲུལ་དེབ།

དམ་བཅའ་རྩེ་ཕུད།

གཟེངས་བསྟོད་ཕྱག་འཁྱེར། Sony Experia Tablet Zརྟགས་ཅན་གྱི་ལག་འཁྱེར་འཕྲུལ་དེབ།

རྟགས་བསལ་རྩེ་ཕུད།

གཟེངས་བསྟོད་ཕྱག་འཁྱེར།  Google Nexus 7རྟགས་ཅན་གྱི་ལག་འཁྱེར་འཕྲུལ་དེབ།

 

དགུན་ཆོས་ཐེངས་བཅུ་བདུན་པའི་ཉེར་མཁོའི་སླད་ཀརྨ་པའི་མཚན་འཛིན་ཨོ་རྒྱན་ཕྲིན་ལས་སུ་འབོད་པ་དེས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ལོ་ ༢༠༡༣ ཟླ་ ༡༢  ཚེས་ ༠༡  ལ་སྦྱར་བའོ།། །།

Photoshop Brushes Joomla 1.7 Themes designed by Baseball Jacke