Choose the best hosting by reading users web host reviews. Get the best joomla host online.

བཀའ་བརྒྱུད་དགུན་ཆོས་སྐབས་ ༡༧

ཕྱི་ལོ་  ༢༠༡༣  ཟླ  ༡༢  ཚེས་  ༥  ཉིན་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་དུས་གསུམ་མཁྱེན་པའི་འདས་མཆོད་འཁེལ་སྟབས་དེ་ཉིན་གུང་ཡོལ་ཀྲིག་ཅར་གྱི་དུས་ཡུན་སྟེང་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་དཔལ་ལྡན་དུས་གསུམ་མཁྱེན་པ་སྐུ་བལྟམས་པ་ནས་མྱ་ངན་ལས་འདས་པའི་བར་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེའི་མཛད་པ་ཇི་ལྟར་བསྐྱངས་ཚུལ་གྱི་རྣམ་ཐར་ཚོུད་གཉིས་རིང་ངོ་སྤྲོད་མཛད།

སྲོད་དུ་ཕྱག་ཚོད་བདུན་དང་ཕྱེད་ནས་བཅུ་དང་ཕྱེད་བར་དུས་ཡུན་ཚོུད་གསུམ་རིང་དཔལ་ལྡན་དུས་གསུམ་མཁྱེན་པའི་འདས་མཆོད་སྲུང་བརྩིའི་ཕྱིར་གཏེར་སྒར་འདུ་ཁང་ཚོམས་ཆེན་གྱི་རྟེན་གསུམ་སྤྱན་སྔར་མཆོད་སྤྲིན་ཚར་དུ་དངར་བ་བཤམས་འབུལ་དང་འབྲེལ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོ་ནས་དུས་མཁྱེན་བླ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་ཚོགས་འབུལ་རྒྱ་ཆེ་མཛད་པའི་གནས་ཚུལ་སྙིང་བསྡུས་སུ།

བཀའ་བརྒྱུད་དགུན་ཆོས་སྐབས་བཅུ་བདུན་པའི་སྐབས་གཟུ་དཔང་མཛད་མཁན་གྱི་མཁན་པོ་རྣམས་ནི།   སྔ་འགྱུར་རྙིང་མའི་མ་དགོན་སྨིན་གྲོལ་གླིང་ནས་མཁན་པོ་ཀརྨ་འཕྲིན་ལས།   བཀྲིས་ལྗོངས་ནས་འབྲུག་པ་བཀའ་བརྒྱུད་ཀྱི་མཁན་པོ་ཆོས་དབྱིངས་ལྷུན་གྲུབ།   འབྲི་གུང་བཀའ་བརྒྱུད་ཀྱི་མཐོ་སློབ་ནས་སྐྱོར་དཔོན་དཀོན་མཆོག་བསྟན་པ།    རྫོང་སར་བཤད་གྲྭ་ནས་ས་སྐྱའི་མཁན་པོ་མཁྱེན་རབ་དཔལ་ལྡན།   གདན་ས་ཆེན་པོ་སེ་ར་སྨད་ཀྱི་གྲྭ་ཚང་ནས་དགེ་བཤེས་རིན་ཆེན་དངོས་གྲུབ་བཅས་རྣམ་པ་ལྔ་ནས་བཀའ་བརྒྱུད་བཤད་གྲྭ་ཁག་དགུ་ནས་ཕེབས་པའི་དགེ་འདུན་རྣམས་ཀྱི་ལུང་རིགས་བརྒལ་རྟགས་ཀྱི་རིགས་རྩལ་ལ་ཐོབ་ནོར་བརྒྱ་ཆ་ཇི་ཐོབ་ཀྱི་ཐོབ་ནོར་སྩོལ་བཞིན་པ་ཡིན།

འདི་ལོ་དགུན་ཆོས་སུ་ཕེབས་པའི་བཤད་གྲྭ་ཁག་དགུ་པོ་ནི།    ༡༽ རུམ་བཏེག་ཀརྨ་ཤྲཱི་ནཱ་ལནྡཱའི་བཤད་གྲྭ།  ༢༽  དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ།  ༣༽ ལཱ་བྷ་རིག་པའི་རྡོ་རྗེའི་བཤད་གྲྭ།    ༤༽ ཟུར་མང་གར་དབང་ཚང་གི་བཤད་གྲྭ།   ༥༽ ཁྲ་འགུ་ཚང་བཛྲ་བིདྱཱའི་བཤད་གྲྭ།  ༦༽ བལ་ཡུལ་བན་ཆེན་ཚང་གི་བཤད་གྲྭ།  ༧༽ མི་རིགས་འབོ་དཀར་ཚང་གི་བཤད་གྲྭ།  ༨༽ གཏེར་སྒར་རིག་འཛིན་མཁའ་སྤྱོད་གླིང་གི་བཤད་གྲྭ།   ༩༽ བལ་ཡུལ་ཀརྨ་ལེགས་བཤད་གླིང་གི་བཤད་གྲྭ་བཅས་ཁག་དགུ་ནས་བཀའ་བརྒྱུད་དགུན་ཆོས་སྐབས་བཅུ་བདུན་པར་བསྡུས་རྟགས་བློ་གསུམ་གྱི་བརྒལ་རྟགས་ལ་ཆ་ཤས་བཞེས་བཞིན་པ་ལས་གོམ་རིམ་དང་པོར་བསྡུས་གྲྭ་དང་རྟགས་རིགས་གཉིས་ལ་ལཱ་བྷ་བཤད་གྲྭར་ཐོབ་ནོར་དང་པོ་སོན།    བློ་རིགས་ལ་ཤེས་རབ་གླིང་གི་བཤད་གྲྭར་ཐོབ་ནོར་དང་པོ་སོན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།\

 

 

ཕྱི་ལོ་  ༢༠༡༣  ཟླ་ ༡༢  ཚེས་  ༢༢  ཉིན་དཔལ་༸རྒྱལ་དབངཀརྨ་མཆོག་ལ་རྒྱ་རིགས་ཤིག་ནས་རང་ཉིད་ལ་ཐར་མདོའི་ལྗགས་ལུང་སྩལ་བའི་སྙན་སྐུལ་གསོལ་འདེབས་ཞུས་དོན་བཞིན་རྒྱལ་དབང་མཆོག་ནས་འདུས་ཚོགས་ཡོངས་ལ་སྕལ་རྒྱུའི་དགོངས་བཞེད་མཆིས་ཚུལ་བཀའ་ཕེབས་ལྟར།     དེ་ཉིན་སྔ་མཁོ་བཞིན་གུང་ཡོལ་ཚོུད་གསུམ་པའི་ཐོག་གཏེར་སྒར་འདུ་ཁང་ཚོམས་ཆེན་ནང་སྤྱན་རྒྱ་སྤོས་སྣེས་སྔུན་བསུས་ཀྱིས་བཞུགས་ཁྲིར་འཁོད་རྗེས་དེར་འདུས་འདུས་པ་སྟོང་ཚོ་ལྷག་ཙམ་ལ་བཀའ་སྩལ་དོན།   དེ་ཡང་ཐོག་མར་ཐར་མདོ་འདི་ཉིད་ཀྱི་ལུང་རྒྱུན་༸སྐྱབས་རྗེ་མཉན་པ་རིན་པོ་ཆེའི་སྐུ་མདུན་ནས་གསན་ཚུལ་དང་།    རིན་པོ་ཆེ་ནས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་སྐུ་གོང་མའི་སྐུ་མདུན་ནས་གསན་པ་དང་།  མཐར་གོང་རིམ་གྱིས་སྨྲ་བའི་དབང་ཕྱུག་འཇམ་མགོན་བློ་གྲོས་མཐའ་ཡས་ནས་བརྒྱུད་ཚུལ་རིང་བརྒྱུད་ཀྱི་བརྒྱུད་པ་དང་།   ཉེ་བརྒྱུད་དག་སྣང་གི་བརྒྱུད་ཚུལ་བཅས་གཉིས་ཀའི་ལུང་རྒྱུན་མངའ་བའི་ཐར་མདོའི་ལྗགས་ལུང་ཆོས་ཐུན་གཉིས་རིང་མ་ལུས་པར་སྩལ་རྟིང་བཀའ་དྲིན་གཏང་རག་གི་མཎྜལ་ཕུལ་རྗེས་འདི་ལོའི་དགུན་ཆོས་དང་འབྲེལ་བའི་གསུང་ཆོས་ཀྱི་མཛད་རིམ་རེ་ཞིག་གྲུབ་བོ།

 

 

ཕྱི་ལོ་  ༢༠༡༣  ཟླ་  ༡༢   ཚེས་  ༣  ཉིན་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དུང་རྒྱ་སྤོས་སྣེས་འདུ་ཁང་ཚོམས་ཆེན་ནང་སྔུན་བསུས་ཀྱིས་བཞུགས་ཁྲིར་ཞབས་འཁོད་རྟིང་།    འདི་ལོའི་བཀའ་བརྒྱུད་དགུན་ཆོས་སྐབས་བཅུ་བདུན་པའི་དབུ་འཛུགས་བསྐྱངས་པ་དང་འབྲེལ་བཤད་གྲྭ་ཁག་དགུ་ནས་ཕེབས་པའི་དགེ་འདུན་པ་ཞལ་གྲངས་དགུ་བརྒྱ་ཙམ་མཆིས་པ་རྣམས་ལ་ཐོག་མར་འཚམས་འདྲི་དང་ཆོས་བརྒྱུད་ཁག་བཞི་ནས་གཟུ་དཔང་ཕྱིར་ཆེད་གཉེར་གདན་ཞུས་ཀྱི་མཁན་པོ་ལྔ་པོ་རྣམས་རེ་རེ་བཞིན་ངོ་སྤྲོད་ཀྱི་གསུང་བཤད་མདོར་བསྡུས་སྩལ།།

       སྐབས་བཅུ་བདུན་འི་དགུན་ཆོས་དེ་བཞིན་ཕྱི་ལོ་  ༢༠༡༣   ཟླ་  ༡༢    ཚེས་   ༣    ནས།      ཕྱི་ལོ་  ༢༠༡༤  ཟླ་  ༡   ཚེས་  ༡  བར་ཟླ་ངོ་གཅིག་རིང་ཚུགས་རྒྱུ་དང་།   དུས་ཡུན་དེའི་ནང་ནས་མཐའ་མ་ཉིན་བཞིའི་རིང་དབུ་མ་འཇུག་པའི་བགྲོ་གླེང་མཛད་རྒྱུ་ཡིན་འདུག   འདི་ལོ་ཡང་སྔ་མཁོ་བཞིན་བཀའ་བརྒྱུད་དགུན་ཆོས་ཀྱི་འགྲོ་གྲོན་མ་ལུས་མཚུར་ཕུ་བླ་བྲང་ནས་ནར་གཏོང་མཛད་བཞིན་པ་དང་།   གོ་སྒྲིག་མཛད་པོ་བཛྲ་བིདྱཱའི་བཤད་གྲྭ་ནས་ཐུགས་འགན་བཞེས་བཞིན་པ་ཡིན།     ཚེས་ ༣  ནས་  ༦  བར་ཉིན་བཞིའི་རིང་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཁྲིད་ཐུང་བརྒྱ་རྩའི་བཀའ་ཁྲིད གུང་ཡོལ་ཆུ་ཚོད་གསུམ་པ་ནས་བཞི་དང་ཕྱེད་བར་ཚོུད་གཅིག་དང་ཕྱེད་རིང་ལོ་སྔོན་མའི་འཕྲོས་ནས་མུ་མཐུད་གནང་རྒྱུ་དང་།   ཚེས་ ༧  ནས་  ༡༦  བར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་དིལླཱིར་ཉིན་གྲངས་དགུའི་རིང་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་ཅིང་།  དེ་རྗེས་སླར་ཡང་ཕྱིར་ཕེབས་ཀྱིས་ཚེས་  ༡༧  ནས་བཟུང་དགུན་ཆོས་མ་གྲུབ་བར་གསུང་ཆོས་ཀྱི་འཕྲོ་མུ་མཐུད་བསྐྱང་རྒྱུ་རེད་འདུག

Photoshop Brushes Joomla 1.7 Themes designed by Baseball Jacke