བཀའ་བརྒྱུད་དགུན་ཆོས་ཉིན་ཉེར་གསུམ་པ
ད་ལམ་འདི་ག་འབོ་དཀར་བཤད་གྲྭ་འོད་འབར་འཆི་མེད་གླིང་དུ་བཀའ་བརྒྱུན་དགུན་ཆོས་ཐེངས་ཉེར་གསུམ་པ་འཚོག་བཞིན་པའི་སྐབས་བསྟུན། ཁ་སྔོན་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གི་ཞལ་སྔ་ནས་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་རྣམས་གཉིས་ལ། ༧སྐྱབས་མཆོག་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྤྱན་སྔར་རྟ་མགྲིན་ལྷ་ལྔའི་བཀའ་དབང་སྩལ་གནང་རྒྱུའི་གསོལ་འདེབས་སྙན་གསན་ཞུ་དགོས་ཚུལ་གྱི ། བཀའ་བཟང་སྤྱི་གཙུག་རྒྱན་དུ་ཕེབས་དོན་ལྟར་༧སྐྱབས་མཆོག་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་བཀའ་ཡི་མེ་ཏོག་སྤྱི་བོའི་རྒྱན་དུ་བཞེས་ཏེ། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་གསོལ་བ་བཏབ་འབྲས་བཞིན། ཞལ་བཞེས་བཟང་པོའི་དབུགས་དབྱུང་བསྩལ་སྟེ། དེ་རིང་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་རིན་པོ་ཆེ་རྣམས་གཉིས་ཀྱི་དབུས། བཤད་གྲྭ་ཁག་ནས་ཕེབས་པའི་མཁན་སློབ་དགེ་བའི་བཤེས་གཉེན། སྤྲུལ་པའི་སྐུ། སློབ་གཉེར་བ་རྣམས་དང་། དད་ལྡན་ཆོས་ཞུ་བ་ཡོངས་ལ། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་ལེགས་པར་བརྒྱུད་དེ་བྱོན་པ། འགྲོ་བའི་མགོན་པོ་དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ནང་ཚན་རྟ་མགྲིན་ལྷ་ལྔའམ་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་རྗེས་གནང་བཀའ་དྲིན་ཆེ་གནང་མཛད་པ་དང་།དེ་བཞིན་དྭགས་པོ་གསུང་འབུམ་གྱི་ཁྲིད་ལུང་དང་། རྟ་མགྲིན་ལྷ་ལྔའི་རྗེས་གནང་བཅས་ལེགས་པར་གྲུབ་པའི་གཏང་རག་ཏུ་མཚུར་ཕུ་བླ་བྲང་ཀུན་སྐྱོང་དགེ་རྩ་ཚོགས་པ་དང་། བཀའ་བརྒྱུད་དགུན་ཆོས་གོ་སྒྲིག་ཚོགས་པ་ཐུན་མོང་ནས་མནྜལ་སྐུ་གསུང་ཐུགས་རྟེན་འབུལ་གནང་མཛད་ཡོད་པ་རེད།
On the suggestion of H.H. the Gyalwang Karmapa, Kyabje Bokar Rinpoche and Kyabje Khenchen Rinpoche requested H.E. Goshir Gyaltsab Rinpoche to give the empowerment of Five-Deity Hayagriva. Gyaltsab Rinpoche accepted and today bestowed that empowerment on a large gathering of all the participants in the Kagyu Gunchoe - the two Kyabje Rinpoches, the faculty members of the participanting Shedras, tulkus, and monks - as well as on members of the public. This empowerment of Hayagriva and the five shavanas comes from the tradition of Atisha and is one of Karmapa Düsum Khyenpa's five sets of Five Deities.